འབའ་སྲས།

མིང་རྫུན་སྙན་མོ་སྙན་མོ་འདོགས་པ་གཅིག །

གདོང་པར་མཛེས་པོ་མཛེས་པོ་འཇོག་པ་གཉིས།།

སྐད་ཆ་མཁས་པོ་མཁས་པོ་བཤད་པ་གསུམ།།

སྐད་འཕྲིན་སྤྱོད་པའི་མིའི་སྐྱོན་དང་བོ་ཡིན།།

སྡོད་ཡུལ་ས་ཆ་དྲང་བོར་མི་བཤད་གཅིག །

ལས་རིགས་བྱ་བ་མི་བཤད་གསང་བ་གཉིས།།

ཕོ་ཡིན་མོ་ཡིན་གསལ་བོ་མེད་པ་གསུམ།།

སྐད་འཕྲིན་སྤྱོད་པའི་མིའི་སྐྱོན་གཉིས་པ་ཡིན།།

སྐད་ཆ་མི་བཤད་ལྐོག་ཉན་བྱེད་པ་གཅིག །

ཆགས་སྤྱོད་བརྙན་པར་མང་དུ་བསྐུར་བ་གཉིས།།

འགུལ་རིས་སྣ་ཚོགས་ཚོད་མེད་གཏོང་བ་གསུམ།།

སྐད་འཕྲིན་སྤྱོད་པའི་མིའི་སྐྱོན་གསུམ་པ་ཡིན།།

བོད་ཡིག་མ་བསྐུར་མི་ཤེས་ཟེར་བ་གཅིག །

བོད་སྐད་རྒྱ་སྐད་བསྲེས་ནས་བཤད་པ་གཉིས།།

བོད་དོན་བཤད་ན་སྤྲོ་བ་མེད་པ་གསུམ།།

སྐད་འཕྲིན་སྤྱོད་པའི་མིའི་སྐྱོན་བཞི་བ་ཡིན།།

མ་ཉེས་ཁ་གཡོག་རྫུན་པར་བཟོ་བ་གཅིག །

སྐད་ཆ་དོན་མེད་སྒྲ་ལེན་བྱེད་པ་གཉིས།།

སྐྱག་པར་གཅིན་པར་རྒྱུད་བསྐུར་བྱེད་པ་གསུམ།།

སྐད་འཕྲིན་སྤྱོད་པའི་མིའི་སྐྱོན་ལྔ་བ་ཡིན།།

ཁུག་མ་དམར་བོ་བསྐུར་ཤོག་ཟེར་བ་གཅིག །

སྒེར་ལ་ཉ་ཉོག་མང་བ་བཤད་པ་གཉིས།།

ཁོམ་ན་ཤོག་དང་སྤྱང་རྟིག་འཕེན་ཟེར་གསུམ།།

སྐད་འཕྲིན་སྤྱོད་པའི་མིའི་སྐྱོན་དྲུག་པ་ཡིན།།

ཚོགས་པའི་ཚོགས་གཙོར་གུས་ཞབས་མེད་པ་གཅིག །

ཚོགས་མིའི་བར་ལ་མཐུན་སྒྲིལ་མི་བྱེད་གཉིས།།

ཚོགས་པའི་སྒྲིག་གཞིར་གཏོར་རླག་བྱེད་པ་གསུམ།།

སྐད་འཕྲིན་སྤྱོད་པའི་མིའི་སྐྱོན་བདུན་པ་ཡིན།།

ཉིན་མཚན་མེད་པར་ལ་གཞས་ལེན་པ་གཅིག །

བར་མཚམས་མེད་པར་འདོད་གཏམ་སྨྲ་བ་གཉིས།།

ཁ་མ་མེད་པར་ཉོག་བཤད་མང་བ་གསུམ།།

སྐད་འཕྲིན་སྤྱོད་པའི་སྐྱོན་ཆ་བརྒྱད་པ་ཡིན།།

ཆགས་རྒན་ཟེར་ནས་སྡིགས་རེས་བྱེད་པ་གཅིག །

གླེན་ཕྲུག་ཟེར་ནས་འཛིང་རེས་བྱེད་པ་གཉིས།།

ཁ་ཚུམས་ཟེར་ནས་ཉེས་བརྡ་གཏོང་བ་གསུམ།།

སྐད་འཕྲིན་སྤྱོད་པའི་མིའི་སྐྱོན་དགུ་བ་ཡིན།།

བཟའ་ཚང་ཡོད་ཀྱང་མེད་ཁུལ་བྱེད་པ་གཅིག །

གཞན་གྱི་བཟའ་ཚང་བར་ལ་འཚང་བ་གཉིས།།

རང་གཞན་གཉིས་ཀ་སྡུག་ལ་སྦྱར་བ་གསུམ།།

སྐད་འཕྲིན་སྤྱོད་པའི་མིའི་སྐྱོན་བཅུ་བ་འོ།།

15/11/13 མཚན་མོར་ལས་ཞོར་དུ།

བྱིས་པའི་དགའ་ཚལ།

ཨ་ཁུ་སྟོན་པའི་གཏམ་རྒྱུད།
སྤྱང་གྲུང་ཅན་གྱི་དབྱི་ཤིའུ།
སྤྱང་གྲུང་ལྡན་པའི་ར་ཕྲུག
ཁྱིམ་ཚང་སློབ་གསོ།
བོད་ཡིག་སྦྱོང་འདོད་ཡོད་པའི་བྱིས་པ་ཚོའི་ཆེད་དུ་ཡིན།

བོད་གཞས་ཚན་པ།

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།
སྐྱིད་པའི་ལྷན་འཛོམས། གནམ་མཚོ།
ཀླུ་མོ་འཚོ།
ཀ་ཁ་ག་ང་། ང་ཚོ་ཡི་ཡི་གེ
བརྩེ་ཆེན་དཔང་བསྟོད་ཆེན་མོ།
ཁུ་བྱུག་གི་བརྩེ་བ།
པི་ཝང་དཀར་པོ།

དམིགས་བསལ་ལེ་ཚན།

༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་དང་པོ།
༧སྐུའི་གྱི་སྟོན་གྱ་འོད་སྡེར་དང་པོའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་བཞི་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་དང་པོ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་འོད་སྡེར་གཉིས་པའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་བཞི་པ།
འོད་སྡེར་གསུམ་པ། སྟོད་ཆ། དང་པོ།
འོད་སྡེར་གསུམ་པ། སྟོད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྟོད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྟོད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། དང་པོ།
འོད་སྡེར་གསུམ་པ། སྨད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྨད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྨད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། ལྔ་པ།
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༣
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༣

www.swissamdo.com