འདིར་བཤད་པའི་བོད་ཁམས་ནི་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན་ཞིང་ཆེན་དང་། ཡུན་ནན་ཞིང་ཆེན་ནུབ་བྱང་ཕྱོགས་ཀྱི་བདེ་ཆེན་བོད་རིགས་རང་སྐོང་ཁུལ་དང་། ཟི་ཁྲོན་ཞིང་ཆེན་ནུབ་ཕྱོགས་ཀྱི་རྔ་བ་བོད་རིགས་རང་སྐྱོང་ཁུལ། མུ་ལི་བོད་རིགས་རང་སྐྱོང་རྫོང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ།  ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཅས་ལ་གོ 

     སྤྱིར་བཏང་དུ་བོད་ཁམས་ཞེ་ན་མདོ་དབུས་མཐོ་སྒང་ལ་གོ་བ་ལེན་མཁན་མང་མོད། ཤེས་དགོས་པ་ཞིག་ནི་ད་ལྟ་མདོ་དབུས་མཐོ་སྒང་གི་ཁོངས་སུ་མི་རིགས་གཞན་པའི་རང་སྐྱོང་རྫོང་ཁ་ཤས་ཡོད། ཀན་སུའུ་ཞིང་ཆེན་གྱི་སུའུ་ནན་ཤ་ར་དབྱི་ཝོར་རང་སྐྱོང་རྫོང肃南裕固族自治县)སོགས་ཡིན།

 མདོ་དབུས་མཐོ་སྒང་གི་ལྷོ་ནུབ་ཕྱོགས་ནི་འཛམ་གླིང་ཐོག་ཆེས་མཐོ་བའི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཡིན་ལ། དེའི་ལྷོ་ཕྱོགས་ནི་རྒྱ་གར་དང་། བལ་བོ། འབྲུག་ཡུལ། འབྲས་ལྗོངས་བཅས་ལ་འབྲེལ་ཡོད། ནུབ་ཕྱོགས་ནི་ཁ་ལ་ཁུ་ནུ་རི་རྒྱུད་ཡིན་ལ། དེ་ནི་ཀ་ཤི་སྨིར་དང་། ཨ་ཧྥུའུ་ཧན་ལ་འབྲེལ་ཡོད། བྱང་ཕྱོགས་ནི་ཁུ་ནུ་རི་བོ་དང་།

 ཨ་ཨེར་ཅིན་ཧྲན(尔金山)རི་བོ། མདོ་ལ་རིང་མོ་བཅས་ཡིན་ལ། དེ་དག་གི་བྱང་ཕྱོགས་སུ་ཐ་ལི་མོའུ་གཤོང་ས་དང་རྨ་ནུབ་དོག་ལམ(河西走廊)ཡོད།  ཤར་ལྷོའི་ཕྱོགས་ནི་འཕྲེད་བཅད་རི་རྒྱུད(横断山)ཡིན་ལ། དེ་ནི་འབར་མ་རྒྱལ་ཁབ་དང་ཡུན་ཀོས་མཐོ་སྒང(云贵高原)ཟི་ཁྲོན་གཤོང་ས(四川盆地)བཅས་ལ་འབྲེལ་ཡོད། བྱང་ཤར་ཕྱོགས་ནི་ཆིན་ལེན་རི་རྒྱུད(秦岭山脉)དང་

 ས་སེར་མཐོ་སྒང(黄土高原)ཡིན། དེ་བས་ང་ཚོས་བོད་ཁམས་ལ་༼ཁ་བ་རི་བོས་བསྐོར་བའི་རྒྱལ་ཁམས༽ཟེར་བ་ནི་མིང་དོན་གཉིས་ག་མཚུངས་པ་ཞིག་རེད།

མདོ་དབུས་མཐོ་སྒང་གི་ནུབ་ཕྱོགས་ཀྱི་ཕ་མེས་ཨེར་མཐོ་སྒང་ནས་ཤར་ཕྱོགས་ཀྱི་ཆིན་ལེན་རི་རྒྱུད་བར་འཕྲེད་ཐིག་ཏུའུ་༣༡ལྷག་ཡོད་ལ། དེའི་རིང་ཚད་ལ་སྤྱི་ལེ་༢༧༠༠ཡོད། ལྷོ་ཕྱོགས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ནས་བྱང་གི་མདོ་ལ་རིང་མོའི་བར་གཞུང་ཐིག་ཏུའུ༡༣ལྷག་ཡོད་ལ། དེའི རིང་ཚད་ལ་སྤྱི་ལེ་༡༤༠༠ཡོད།

 སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༢༥༠༠༠༠ཡོད་ཅིང་། རྒྱ་ནག་གི་སྐམ་སའི་རྒྱ་ཁྱོན་གྱི་བཞི་ཆའི་གཅིག་ལྷག་ཟིན།

བོད་ཁམས་ཀྱི་ཆགས་ཚུལ་སྐོར་ས་རྒྱུས་རིག་པ་བས་བརྟག་དཔྱད་བྱས་པ་ལྟར་ན། ལོ་ངོ་དུང་ཕྱུར་་དུ་མའི་ཡར་སྔོན་དུ་མདོ་དབུས་མཐོ་སྒང་ནི་མཐའ་མི་མངོན་པའི་རྒྱ་མཚོ་ཆེན་པོ་ཞིག་ཡིན་ལ། རྒྱ་མཚོ་ཆེན་པོ་དེའི་ལྷོ་དང་བྱང་ནི་སྐ་ས་ཆེན་པོ་གཉིས་ཏེ། ལྷོ་ནི་ད་ལྟའི་ཡ་གླིང་གི་སྐམ་སའི་ལྷོ་ཁུལ་དང་།

 ཧྥེ་གླིང་། མེ་གླིང་ལྷོ་མ། ཨོ་སི་ཁྲི་ལེ་ཡ། ལྷོ་སྣེ་གླིང་བཅས་གཅིག་ཏུ་འབྲེལ་པའི་གནའ་བོའི༼ཀང་བ་ན༽སྐམ་ས(ལྷོ་ཕྱོགས་སྐམ་ས་ཆེན་པོའང་ཟེར)ཡིན་ལ། བྱང་ནི་ད་ལྟའི་མེ་གླིང་བྱང་མ་དང་། ཨོ་ཡ་སྐམ་སའི་དཀྱིལ་དང་བྱང་སྣེ་གླིང་གཅིག་ཏུ་འབྲེལ་བའི་གནའ་བོའི་༼ལོ་ཡ༽སྐམ་ས(བྱང་ཕྱོགས་སྐམ་ས་ཆེན་པོའང་ཟེར)ཡིན།

 རྗེས་སུ་སའི་འགུལ་སྐྱོད་གྱི་དབང་གིས་ཀང་བ་ན་སྐམ་ས་དུམ་བུར་ཆད་ཅིང་། དེའི་ལེབ་མོ་གཅིག་སྟེ་ཧིན་རྡི་གླིང དུམ་ཟེར་བའི་སྐམ་ས་དེ་རིམ་གྱིས་བྱང་དུ་ནུར་ནས་ལོ་ཡ་སྐམ་ས་དང་གདོང་ཐུག་བརྒྱབ་པས་རིམ་གྱིས་ས་འབུར་ཅིང་མཚོ་བྲི་ནས་རི་རྒྱུད་མང་པོ་སྐྱེས་ཏེ་མདོ་དབུས་མཐོ་སྒང་གྲུབ་པར་བཤད།

༼༼ཆོས་འབྱུང་མཁས་པའི་དགའ་སྟོན༽༽དུ་"མཚོ་དེ་འཁོལ་ལ་ཞི་ཞིང་རབ་ཏུ་བསིལ།། ཀོང་གི་ཆུ་བརླག་ཅེས་བྱའི་ཟོམས་ཕྱེ་བས།། རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ།། ཆུ་གཞན་དག་གྱང་དེ་ལྟར་ཐིམ་པ་ཡིས།། བོད་ཁམས་ཡུལ་གྱི་རྣམ་པ་གསལ་བོར་དོད།།"ཅེས་བོད་ཁམས་འདི་དང་ཐོག་ཆུ་ཡི་རྒྱ་མཚོ་ཆེན་པོ་ཞིག་ཡིན་པར་བསྟན་ཡོད་པ་འདི་དོན་དངོས་དང་མཐུན་པ་ཞིག་རེད།

 ལོ་ངོ་དུང་ཕྱུར་དུ་མའི་རིང་རིམ་གྱིས་ཆགས་ཤིངགྲུབ་པའི་བོད་གྱི་ཡུལ་གྲུ་འདིའི་ད་ལྟའི་རྣམ་པ་ནི་། མཐའ་འཁོར་རི་རྒྱུད་མཐོན་པོའི་མུ་ཁྱིད་ཀྱིས་བསྐོར་ཞིང་། ནང་དུ་རྔམ་མཐུག་པའི་མཐོ་སྒང་དང་། རྩེ་མཐོ་བའི་རི་རྒྱུད། ཁྱོན་ཡང་པའི་གཞོང་ས། དྭངས་གཙང་གི་མཚོ་དང་མཚེའུ། ཆུ་ཀླུང་དང་གཙང་བོ་སོགས་མང་དུཡོད་ཅིང་།

 ཡུལ་གྲུ་འདིའི་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ་ཞིང་། རི་རྒྱུད་མཐོན་པོ་རྣམས་ནུབ་ནས་ཤར་དུ་ལེ་ལག་ཏུ་གྲུབ་ཡོད།

དྲ་ངོས་འདིའི་རྩོམ་སྒྲིག་པ་ལྡོང་འབྲུག་མོ་རྒྱལ།

༢༠༡༥ལོའི་སྤྱི་ཟླ་༡༡པའི་ཚེས་༢༥ཉིན་སིད་སི་ནས།

བྱིས་པའི་དགའ་ཚལ།

ཨ་ཁུ་སྟོན་པའི་གཏམ་རྒྱུད།
སྤྱང་གྲུང་ཅན་གྱི་དབྱི་ཤིའུ།
སྤྱང་གྲུང་ལྡན་པའི་ར་ཕྲུག
ཁྱིམ་ཚང་སློབ་གསོ།
བོད་ཡིག་སྦྱོང་འདོད་ཡོད་པའི་བྱིས་པ་ཚོའི་ཆེད་དུ་ཡིན།

བོད་གཞས་ཚན་པ།

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།
སྐྱིད་པའི་ལྷན་འཛོམས། གནམ་མཚོ།
ཀླུ་མོ་འཚོ།
ཀ་ཁ་ག་ང་། ང་ཚོ་ཡི་ཡི་གེ
བརྩེ་ཆེན་དཔང་བསྟོད་ཆེན་མོ།
ཁུ་བྱུག་གི་བརྩེ་བ།
པི་ཝང་དཀར་པོ།

དམིགས་བསལ་ལེ་ཚན།

༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་དང་པོ།
༧སྐུའི་གྱི་སྟོན་གྱ་འོད་སྡེར་དང་པོའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་བཞི་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་དང་པོ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་འོད་སྡེར་གཉིས་པའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་བཞི་པ།
འོད་སྡེར་གསུམ་པ། སྟོད་ཆ། དང་པོ།
འོད་སྡེར་གསུམ་པ། སྟོད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྟོད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྟོད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། དང་པོ།
འོད་སྡེར་གསུམ་པ། སྨད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྨད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྨད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། ལྔ་པ།
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༣
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༣

www.swissamdo.com