FB IMG 1460873618486དེ་རིང་ཕྱི་ཚེས་༡༦ཉིན་གྱི་ཕྱི་དྲོར་ཆོལ་གསུམ་མི་མང་གིས་མང་མོས་འོས་བསྡུ་བྱས་ཏེ་མདོ་སྨད་མི་མང་གསེར་གྱི་གཟེངས་རྟགས་དེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཕུལ་བ། གོང་ཚེས་ཉིན་གྱི་ཕྱི་དྲོར་རི་ཁོན་ཚོགས་ཁང་དུ་སུད་སི་མདོ་སྨད་མི་མང་གི་གོ་སྒྲིག་འོག་མདོ་སྨད་མི་མང་གསེར་གྱི་གཟེངས་རྟགས་ཕུལ་བའི་མཛད་སྒོ་ཟབ་རྒྱས་ཤིག་འཚོགས་ཤིང་། མཛད་སྒོར་རི་ཁོན་མཁན་རིན་པོ་ཆེ་གཙོས་པའི་དགེ་འདུན་རྣམ་པ་དང་ཡོ་རོབ་སྤྱི་ཟུར་གཙོས་པའི་ཆོལ་གསུམ་བོད་མི་མང་པོ་མཉམ་འཛོམས་གནང་སོང་།

མདོ་སྨད་མི་མང་གསེར་གྱི་གཟེངས་རྟགས་ནི་ལོ་གསུམ་རེའི་མཚམས་སུ་ཐེངས་རེར་འབུལ་སྲོལ་ཡོད་ཅིང་།དེ་ནི་ཕྱི་ལོ་༢༠༡༣ལོར་ཐེངས་དང་པོའི་གཟེངས་རྟགས་དེ་བཀའ་བློན་ཁྲི་ཟུར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་ཕུལ་ཡོད་འདུག

ད་ལོར་མང་གཙོའི་ལམ་སྲོལ་ལྟར་འོས་མི་གསུམ་ཡོད་པ་དང་། མཁས་དབང་ཟམ་གདོང་རིན་པོ་ཆེ་དང་། ཨ་མ་རྗེ་བཙུན་པདྨ་མཆོག བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་བཅས་ཡིན་ལ། ད་ལོའི་གཟེངས་རྟགས་ཕུལ་སྟངས་དེ་སྔོན་དང་མི་འདྲ་བར་ཆོལ་གསུམ་མི་མང་གིས་མང་མོས་འོས་བསྡུ་བྱས་ནས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཕུལ་ཡོད་པ་དང་།

རི་ཁོན་མཁན་རིན་པོ་ཆེ་མཆོག་གིས་ཕུལ་ཞིང་ཚོགས་གཙོ་དབང་རྒྱལ་ལགས་ཀྱིས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་ཚབ་བྱས་ཏེ་ཞལ་བཞེས་གནང་སོང་།

FB IMG 1460873701430མདོ་སྨད་མི་མང་གིས་དེ་འདྲའི་གཟེངས་རྟགས་ཤིག་ཕུལ་དགོས་པའི་དམིགས་ཡུལ་ཐད་ནས་ཚོགས་གཙོ་དབང་རྒྱལ་ལགས་ཀྱིས་གསུངས་དོན། བོད་མི་རིགས་ཀྱི་གནས་བབ་ཛ་དྲག་གི་སྐབས་སུ་རང་ཉིད་ཀྱི་མི་ཚེའི་ཡོད་ཚད་བོད་མི་རིགས་ལ་གནང་ཞིང་མཛད་རྗེས་བླ་མེད་ཆེ་བའི་རླབས་ཆེན་གྱི་མི་སྣ་དག་ལ་བཀའ་དྲིན་རྗེས་དྲན་དང་བོད་མིའི་གཅིག་སྒྲིལ་གྱི་ངོ་བོ་དེ་མཚོན་བྱེད་དུ་ཕུལ་བ་ཡིན་ཞེས་གསུངས་བྱུང་།

མཐར་ཆོལ་གསུམ་གྱི་ཚབ་མཚོན་གཞས་པ་དག་གིས་གཞས་སྣ་འཁྲབ་སྟོན་དང་བཅས་མཇུག་སྒྲིལ་སོང་།

བྱིས་པའི་དགའ་ཚལ།

ཨ་ཁུ་སྟོན་པའི་གཏམ་རྒྱུད།
སྤྱང་གྲུང་ཅན་གྱི་དབྱི་ཤིའུ།
སྤྱང་གྲུང་ལྡན་པའི་ར་ཕྲུག
ཁྱིམ་ཚང་སློབ་གསོ།
བོད་ཡིག་སྦྱོང་འདོད་ཡོད་པའི་བྱིས་པ་ཚོའི་ཆེད་དུ་ཡིན།

བོད་གཞས་ཚན་པ།

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།
སྐྱིད་པའི་ལྷན་འཛོམས། གནམ་མཚོ།
ཀླུ་མོ་འཚོ།
ཀ་ཁ་ག་ང་། ང་ཚོ་ཡི་ཡི་གེ
བརྩེ་ཆེན་དཔང་བསྟོད་ཆེན་མོ།
ཁུ་བྱུག་གི་བརྩེ་བ།
པི་ཝང་དཀར་པོ།

དམིགས་བསལ་ལེ་ཚན།

༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་དང་པོ།
༧སྐུའི་གྱི་སྟོན་གྱ་འོད་སྡེར་དང་པོའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་བཞི་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་དང་པོ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་འོད་སྡེར་གཉིས་པའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་བཞི་པ།
འོད་སྡེར་གསུམ་པ། སྟོད་ཆ། དང་པོ།
འོད་སྡེར་གསུམ་པ། སྟོད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྟོད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྟོད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། དང་པོ།
འོད་སྡེར་གསུམ་པ། སྨད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྨད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྨད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། ལྔ་པ།
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༣
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༣

www.swissamdo.com